藏文有一个特点就是每个字都有自己特定的标记符号,这个句子的排版就是在每个字后面加上相应的标记符号。
ཉིན་གཉིས་ཀྱི་དུས་ཚོད་སྤྱད་ནས་ཧོས་ཨན་ཡན་གྱི་དེབ་འདི་བཀླགས་ཐུབ་སོང་། དེབ་འདིས་རྩོམ་པ་པོས་ལས་ཀ་བཅུ་དགུ་བྱས་པའི་ལས་རིམ་བརྗོད་བྱ་གཙོ་བོར་བྱས་ཤིང་དེ་ཡང་འཚོ་བའི་ཟིན་བྲིས་སམ་ཉིན་ཐོའི་ཚུལ་དུ་བྲིས་པ་ལྟ་བུ་ཞིག་རེད་འདུགདེབ་འདི་ཐོག་མར་འབྲི་དགོས་པའི་རྒྱུ་རྐྱེན་ཡང་རྩོམ་པ་པོས་ལོ་ཁ་ཤས་སྔོན་དུ་མཚན་ཐུན་སྐོར་གྱི་རྩོམ་ཡིག་ཅིག་བྲིས་ཏེ་༼དོས་པན༽ནང་དུ་སྤེལ་རྗེས། བརྒྱུད་གཏོང་དང་བསྔགས་རྡེབ་སོགས་ཁྲི་ཙམ་དོ་ཁུར་ཐོབ་པས་གཟོད་དེབ་འདི་བྲིས་པ་ཞིག་རེད་འདུགསྤྱི་ཚོགས་ཞེས་པ་ནི་ལས་རིགས་སྣ་ཚོགས།མི་སྣ་སྣ་ཚོགས། ཁ་ཕྱོགས་སྣ་ཚོགས།བསམ་བློ་སྣ་ཚོགས་སོགས་གྱིས་གྲུབ་པའི་མིའི་ཁོར་ཡུག་ཅིག་ཡིན་ལ།ད་ལྟ་བརྡ་འཕྲིན་དུས་རབས་ཀྱི་རྐྱེན་བྱས་ཏེ་ཁོར་ཡུག་གི་འགྲོས་ཀྱང་སྔལ་ལས་ལྡབ་འགྱུར་གྱི་ཇེ་འགྱོགས་སུ་སོང་ཡོད། དེ་ཡང་གྲོག་ཚང་གཏོར་བ་བཞིན་ཁོར་ཡུག་དེར་འཚོ་བའི་མི་རྣམས་རང་གི་འཚོ་བའི་ཆེད་ཉིན་མཚད་དུས་དྲུག་ཏུ་ཧུར་བརྩོན་བྱེད་བཞིན་པ་སྨོས་མ་དགོས། དེ་དང་དུས་མཚུངས་སུ་རང་གི་ཁེ་ཕན་གྱི་ཆེད་དུ་གཡོ་སྒྱུའི་ལས་ཀྱང་སྣ་ཚོགས་ཤིག་དར་དང་དར་བཞིན་ཡོད་པས།མི་ཆོས་ཀྱི་ཀུན་སྤྱོད་དང་རང་མཐོང་གི་འདུ་ཤེས། རྒྱུ་འབྲས་དང་མིའི་བར་གྱི་ཡིད་ཆེས་སོགས་བོར་ལ་ཉེ་བའི་དུས་ཚིགས་འདིར་ལས་ཀ་འོས་འཚམ་ཞིག་རྙེད་རྒྱུ་ཁག་པོ་ཡིན་ལ། རྙེད་ཀྱང་མགོ་བདག་དང་ལས་སྒྲུབ་པ་སོགས་ཀྱི་བར་ལ་འགྲན་རྩོད་དང་གནོན་ཤུགས་སོགས་མཐའ་ཡས་པ་ཞིག་ཡོད་པས། འཚོ་བ་དང་ལས་དབང་མདུན་ནས་རང་རྐྱ་ཐུབ་པའི་རྐང་ཞིག་འཛུགས་ཐུབ་རྒྱུ་ནི་ཉིན་མོའི་སྐར་མ་བཞིན་ཤིན་ཏུ་ཉུང་ངོ་། འོན་ཀྱང་ལས་ཀ་བྱས་ཙམ་ཉིད་ནས་སྡུག་བསྔལ་དེ་དག་མཐའ་གཅིག་ཏུ་ཡོང་བའི་ངེས་པ་མེད་པས། ལས་ཀ་འདི་འཚོ་གནས་ཀྱི་ལག་ཆ་ཙམ་མ་གཏོགས་མི་ཚེའི་དམིགས་ཡུལ་ཞིག་ཏུ་བཟུང་ན། སྒེར་གྱི་ཐོབ་ཤོར་རེ་དོགས་སོགས་ཀྱང་ཤ་སྦྲང་བཞིན་ལས་ཀ་སྐོར་ནས་གནས་དགོས་པ་ཤ་སྟག་ཡིན་པས། དེ་ནི་རྩོམ་པ་པོས་བཤད་པ་བཞིན་ཁྱེད་ཀྱིས་ཅི་ཞིག་ཚོར་མིན་ལ་རག་ལས་པ་མ་གཏོགས། ཁྱེད་ལ་ཅི་ཞིག་ལོངས་སུ་སྤྱོད་རྒྱུ་ཡོད་པ་ལ་རག་ལས་པ་ཞིག་མིན་ནོ།།
相关推荐
© 2023-2025 百科书库. All Rights Reserved.
发表评价