གཟའ་འཁོར་གཅིག་གི་དུས་ཚོད་བེད་སྤྱད་དེ་བཀླགས་ནས་གྲུབ།དུས་རབས་ཀྱི་དཀྱོགས་མཚམས་ཤིག་ཏུ་ལུས་པའི་མི་སྣ་སོ་སོའི་ལས་དབང་མཚོན་པ་ལེགས་ཀྱང་།ཁྱིམ་ཚང་དང་སྤྱི་ཚོགས་མཚོན་པ་གཙོར་བཟུང་ནས་མི་རེ་རེའི་ལས་དབང་དང་གཤིས་ཀ་ཅུང་ཟད་ཕལ་བར་བཞག་འདུག་པའི་ཉམས་སྣང་ཞིག་བྱུང་།ལྷག་པར་རིག་གསར་རྒྱབ་ལྗོངས་བྱེད་ནས་ཡོད་པའི་བརྩམས་ཆོས་གློག་བརྙན།《孔雀》、《芙蓉镇》དང་བསྡུར་ན་མི་སྒེར་གྱི་ལས་དབང་མཚོན་པ་མག་མོག་ཙམ།མཇུག་སྡུད་སྟངས་ཀྱང་ཀློག་པ་པོ་བྱིངས་ཀྱི་གོམས་གཤིས་སུ་གྲུབ་པའི་འོད་ཟེར་དང་འཆམ་མཐུན།རྒྱལ་ཁ་དང་འཛུམ་མདངས་ཀྱི་ཀློང་ནས་རྫོགས་སོང་།གཏམ་རྒྱུད་ནང་གི་མི་སྣ་མི་ཡིན་པའི་ངོས་ཐད་ནས་ཆོས་ལུགས་དང་རིག་གནས་ཀྱི་འདུ་ཤེས་ཟབ་ཀྱང་བྱེ་བྲག་དང་ཞིབ་ཆའི་བྱ་བྱེད་མཚོན་པར་གཞོལ་ན་ནི་རིག་གནས་དྲིལ་བསྒྲོག་ཙམ་མ་ཡིན་པར།ངེས་དོན་གྱི་མི་ཞིག་གི་མི་ལོ་སུམ་བཅུའི་འཚོ་བ་མཚོན་པར་བྱས་པའོ།།
相关推荐
© 2023-2025 百科书库. All Rights Reserved.
发表评价